[179B]༄༅། །རྒྱ་གར་སྐྱང་དུ། བ་ལིཾ་ཏ་ཨ་ལཾ་ཀཱ་ར། བོད་སྐད་དུ། གཏོར་མའི་རྒྱན་བཅོམ་ལྡན་འདས་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཀུན་གྱི་གྲོགས་འགྲོལ་ལས་ཀྱི་མཆོག་ བཀྲ་ཤིས་བར་ཆོད་སེལ་མཛད་པ། །གཏོར་མའི་ལས་ནི་བདག་གིས་བཤད། །ཕྱི་ངག་གཏོར་མ་རྒྱ་ཆེན་འདི། །རྒྱས་པར་གཏོང་མ་ཆེན་པོ་བསྟན། །བསྡུས་པ་ལ་སོགས་མན་ངག་འདི། །སྒྲུབ་པ་པོ་ཡི་དོན་དུ་བསྡུས། །ཐམས་ཅས་ལྡན་པའི་གཏོར་མ་ལ། །ཧཱུཾ་གི་འོད་ཟེར་འཕྲོས་པར་ ཡིས༑ །རཾ་གྱིས་བསྲེགས་ཏེ་ཡཾ་གིས་བུས། །ཁཾ་གིས་བཀྲུས་ཏེ་དག་པ་ལས། །སྟོད་པའི་དང་ལས་ཡཾ་ལས་རླུང། །མ་དང་བརྟེན་པའི་དངོས་པོ་དང། །ཨ་ལས་བདེ་སྐྱོད་ནང་དུ་ནི། །བཾ་ལས་བདུད་རྩིའི་ཆུ་རྒྱུན་འབྱུང། །དེ་དབུས་ཐབས་དང་ཤེས་རབ་འབར། །གཏོར་མའི་རྫས་ནི་ཡིག་ འཟུ་[?]བཅུ། །སྐུ་གསུང་ཐུགས་ཀྱིས་བོན་དང། །རྡོ་རྗེ་ཟླ་བའི་དཀྱིལ་འཁོར་བཅས། །ཐབས་དང་ཤེས་རབ་ཡེ་གེས་མཚན། །ཧཱུཾ་གི་འོད་ཀྱིས་རླུང་སྔོན་བསྐྱེད། །འབར་དང་ཁོལ་བས་ཡབ་ཡུམ་བཞི། །སྐུ་གསུང་ཐུགས་ཀྱིས་བསྡུས་ཤིང་སྦྱངས། །སྤྲོས་པས་ཡེ་ཤེས་བདུད་རྩི་འབེབས། ། ཨོཾ་ཨ་ར་ལླི་ཧོཿ། ཛཿ་ཧཱུཾ་བམ་ཧོཿ། བདེ་གཤེགས་བདུད་རྩི་སྤྱན་དྲངས་ནས། །ཨོཾ་ཨཱ་ཧཱུཾ་སཱ་ཧཱ། ཞེས་པའི་སྔགས་ལན་བདུན་གྱིས་བརླབ། །གདན་གསུམ་ལྡན་པའི་རིན་ཆེན་མཛེས། །ཧཱུཾ་ལས་འོད་ཟེར་ཛཿ་འཕྲོས་ནས། །རིགས་དྲུག་བཀུག་སྟེ་འོད་དུ་ཞུ། །ཡིག་འབྲུ་ལྔ་ལས་རིགས་ [180A]༄༅། །ལྔ་ཡི། །བདེ་གཤེགས་ཀླུ་གཉན་མཁའ་འགྲོ་རྣམས། །བསྐྱེད་ཅིང་མ་ལུས་དབང་བསྐུར་ནས། །བླ་མ་མི་བསྐྱོད་གཟུགས་འཛིན་རྣམས། །བདེ་འཚམ་རིམ་པར་བཞུགས་པ་རྣམས། །དེ་ལ་ཕྱག་འཚལ་མཆོད་བྱས་ན། །རང་གི་རྩ་བའི་སྔགས་ལ་ནི། །གསུམ་དང་བདུན་ དང་ཉི་ཤུ་གཅིག་ཨི་དམ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པའི་སྔགས་ལ་བཏགས་ལ་དབུལ་ལོ། །མ་མ་སརྦ་ཤ་ཏཱུཾ་ཨ་མུ་ཀ་མ་ཧི་མན་ཙི་མེ་ཏེ་ས་མ་བ་བུ་གཾ་རུ་བཧི་ར་པྲི་ཡཾ་བྷ་ཀྵ་བལིཾ་ཨི་དཾ་གྲྀ་ཧྞ་ཁ་ཁ་ཁཱ་ཧི་ཁའི་རཀྟ་བི་པ་ཏི། ཨ་ཏི་ཀྲ་སྭ་མ་ཡེ་སཱ་ཧཱ། གསང་བའི་སྔགས་དེས་ཀྱང་མགྲོན་ མ་ལུས་པ་ལ་དབུལ་བར་བྱའོ། །ཨོཾ་ཨ་ཀྵ་རོ་མུ་ཁཾ་སརྦ་དྷ་རྨ་ཎཱཾ། ཨཱདྱ་ནུཏྤ་ནྣ་ཏཱཏ། ཨོཾ་ཨཱ་ཧཱུཾ་ཕཊ་སཱ་ཧཱ། ཚིགས་དྲུག་མ་ལུས་ཀུན་ལ་བྱིན། །དེ་ནས་བསྟོད་པ་དང། བཤགས་པ་དང། ཕྱིན་ལས་བཅོལ་ཞིང་སྨོན་ལམ་གདབ། །སྤྱི་ཡི་གཏོར་མ་རྒྱ་ཆེ་ཡང། །སྨན་ལྔ་འབྲུ་ལྔ་རིན་ ཆེན་ལྔ༑ །འབྲས་སྣུམ་ཁུར་བ་ལ་སོགས་ལ། །ཐམས་ཅད་མ་སྤད་སྣོད་དུ་བླུགས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །པཾ་ལས་པདྨ་དཀར་པོ་སྟེ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །ཕྱོགས་སྐྱོང་རིགས་དྲུག་འཁོར་དང་བཅས། །སྤྱན་དྲངས་གདན་ལ་བཞུགས་སུ་གསོལ། ། ཨོཾ་ཨིནྡྲཱ་ཡ་ཧཱུཾ་ཛཿ། ཨགྣ་ཡེ་ཧཱུཾ་ཛཿ། ཡ་མ་ཡེ་ཧཱུཾ་ཛཿ། ནཻ་རྲྀ་ཏ་ཡེ་ཧཱུཾ་ཛཿ་བཱ་ཡ་བེ་ཧཱུཾ་ཛཿ། ཀུབེ་རཱ་ཡ་ཧཱུཾ་ཛཿ། ཨཱི་ཤ་ནཱ་ཡ་ཧཱུཾ་ཛཿ། ཧེ་ཏ་ཨ་དྷྱི་པ་ཏ་ཡེ་ཧཱུཾ་ཛཿ། སཱུརྱ་ཙནྡཱ་ཡ་ཧཱུཾ་ཛཿ། སྤྱན་དྲངས་བ་ལུཾ་ཡོངས་སུ་དབུལ། །བསྟོད་དང་དངོས་གྲུབ་བླང་བ་དང། །ཐམ་ཚིགས་ བཅད་བསྡོས་བྱས་ནས། །སྨོན་ལམ་རྫོགས་པར་གདབ་པར་བྱའོ། །གཏོར་མའི་མན་ངག་གཞུང་དོན་འདི། །སྒྲུབ་པ་པོ་ཡི་དོན་དུ་བྲིས། །ཚིག་དང་དོན་གྱི་ངེས་པ་རྣམས། །རིགས་ལང་བདེ་བར་གཤེགས་པ་དང། །མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། །སྔོན་བྱང་མེད་ དང་གོ་རིམས་བྲལ། །འདི་ནི་བར་ཆོད་སྦྱོར་བ་སྟེ། །དེ་ནས། བར་ཆོས་སྦྱོར་བ་ཡོངས་སྤངས་ནས། །དངོས་གྲུབ་ཀླུ་མོ་མཁའ་འགྲོས་མ་བྱུང། །བདག་གིས་འདི་བརྩམས་བསོད་ནམས་ཀྱིས། །རགས་དང་ཕྲ་བའི་རྟོག་པ་ཀུ་སྤངས་ནས། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །གསང་ [180B] །གོས་སྔོན་དངོས་གྲུབ་ཐོབ་པར་ཤོག་གཏོར་མའི་རྒྱན་གྱི་མན་ནག་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།།